ཡོངས་འཛིན་སྤྱོད་མཁན་གྱི་གྲོས་ཆིངས།
དང་པོ། སྤྱིའི་རྩ་འཛིན།
༡.༡ སྤྱོད་མཁན་གྱིས་གྲོས་ཆིངས་འདིའི་དོན་ཚན་ལ་མོས་མཐུན་བྱེད་དགོས་པར་མ་ཟད། པར་ངོས་སུ་གསལ་བོར་བསྟན་པའི་བརྡ་དོན་ལྟར་ཐོ་འགོད་ཀྱི་འགྲོ་རིམ་ཁ་ཚང་བར་བསྒྲུབ་དགོས། སྤྱོད་མཁན་གྱིས་ཐོ་འགོད་བྱེད་པའི་གོ་རིམ་ནང་དུ“མོས་མཐུན”མཐེབ་ནོན་མནན་ཚེ། སྤྱོད་མཁན་དང་ཡོངས་འཛིན་ཕྱོགས་གཉིས་ཀར་གྲོས་འཆམ་བྱུང་སྟེ། གྲོས་ཆིངས་འདིའི་དོན་ཚན་ཚང་མ་དང་ལེན་བྱས་ཟིན་པ་མཚོན།
༡.༢ སྤྱོད་མཁན་གྱི་ཐོ་འགོད་ལེགས་འགྲུབ་བྱུང་རྗེས། ཡོངས་འཛིན་གྱིས་སྤྱོད་མཁན་རེར་སྤྱོད་མཁན་རྩིས་ཨང་དང་དེ་མཐུན་གྱི་གསང་གྲངས་རེ་སྟེར་རྒྱུ་ཡིན། སྤྱོད་མཁན་རྩིས་ཨང་དང་གསང་གྲངས་དེ་སྤྱོད་མཁན་གྱིས་འགན་འཁུར་ནས་བདག་སྲུང་བྱེད་དགོས་ཤིང་། སྤྱོད་མཁན་གྱིས་རང་གི་སྤྱོད་མཁན་རྩིས་ཨང་བེད་སྤྱད་ནས་སྒྲུབ་པའི་བྱ་བྱེད་ཐམས་ཅད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།
༡.༣ སྤྱོད་མཁན་གྱིས་ཡོངས་འཛིན་རྩིས་ཨང་ཐོ་འགོད་བྱས་པའི་དུས་དེ་ནས་བཟུང་། ཡན་ལག་འཕྲིན་ལམ་གྱིས་ཟུར་དུ་དབང་ཚད་འབྱེད་དགོས་པའི་བླང་བྱ་ཡོད་པ་ཕུད། སྤྱོད་མཁན་གྱིས་རྩིས་ཨང་དེ་བཀོལ་ནས་ཡོངས་འཛིན་གྱི་འཕྲིན་ལམ་སོ་སོའི་རྣམ་གྲངས་རྐྱང་མའི་ཞབས་ཕྱི་བཀོལ་སྤྱོད་བྱས་ཆོག་ཅིང་། སྤྱོད་མཁན་གྱིས་ཡོངས་འཛིན་གྱི་ཚན་རྐྱང་ཞབས་ཕྱི་སོ་སོ་བེད་སྤྱོད་བྱེད་སྐབས། སྤྱོད་མཁན་གྱི་བྱ་སྤྱོད་དེ་ནི་དེས་ཚན་རྐྱང་ཞབས་ཕྱིའི་དོན་ཚན་ཁག་དང་དེ་མིན་ཡོངས་འཛིན་གྱིས་ཚན་རྐྱང་ཞབས་ཕྱི་དེའི་ནང་དུ་བཀོད་པའི་སྤྱི་བསྒྲགས་སྣ་ཚོགས་ལ་ཁོ་རང་མོས་མཐུན་བྱུང་བ་ལྟར་བརྩི་རྒྱུ་ཡིན།
༡.༤ ཡོངས་འཛིན་ཚོགས་མིའི་ཞབས་ཕྱིའི་གྲོས་ཆིངས་དང་དེ་མིན་འཕྲིན་ལམ་སོ་སོའི་ཚན་རྐྱང་ཞབས་ཕྱིའི་དོན་ཚན་དང་སྤྱི་བསྒྲགས་ནི། ཡོངས་འཛིན་བདག་གཉེར་ཕྱོགས་ཀྱིས་དུས་བབ་དང་བསྟུན་ནས་གསར་སྒྱུར་བྱས་ཆོག་པས། ཟུར་དུ་བརྡ་སྦྱོར་མི་གཏོང་། ཁྱེད་ཀྱིས་འབྲེལ་ཡོད་ཞབས་ཕྱི་བེད་སྤྱོད་སྐབས། དེར་མཐུན་གྱི་འབྲེལ་ཡོད་དོན་ཚན་རྣམས་ལ་ཡིད་འཇོག་དང་བརྩི་སྲུང་བྱ་དགོས།
ཁྱེད་ཀྱིས་ཡོངས་འཛིན་གྱིས་འདོན་སྤྲོད་བྱས་པའི་ཞབས་ཕྱི་སྣ་ཚོགས་བེད་སྤྱོད་མ་བྱས་པའི་སྔོན་ལ། ཞབས་ཕྱིའི་གྲོས་ཆིངས་འདི་ནན་ཏན་གྱིས་ཀློག་དགོས། གལ་སྲིད་ཁྱེད་རང་ཞབས་ཕྱིའི་གྲོས་ཆིངས་འདི་དང་ཡང་ན་དུས་བབ་དང་བསྟུན་ནས་འདིའི་ནང་དོན་ལ་བཟོ་བཅོས་བྱེད་པར་འཐད་པ་མིན་ན། ཁྱེད་ཀྱིས་རང་འགུལ་སྒོས་ཡོངས་འཛིན་གྱིས་འདོན་སྤྲོད་བྱས་པའི་ཞབས་ཕྱི་མི་དགོས་པར་བྱས་ཆོག གལ་སྲིད་ཁྱེད་ཀྱིས་ཡོངས་འཛིན་གྱི་ཞབས་ཕྱི་བཀོལ་སྤྱོད་བྱས་ཚེ། ཁྱེད་རང་ཞབས་ཕྱིའི་གྲོས་ཆིངས་འདིའི་དོན་ཚན་སོ་སོར་རྒྱུས་ལོན་བྱས་ཏེ་མོས་མཐུན་བྱུང་བ་ལྟར་བརྩི་རྒྱུ་ཡིན་པ་དང་། དེའི་ནང་དུ་ཡོངས་འཛིན་གྱིས་ཞབས་ཕྱིའི་གྲོས་ཆིངས་ལ་དུས་བབ་དང་བསྟུན་ནས་བཟོ་བཅོས་གང་རུང་བྱས་པའང་འདུས་ཡོད་པས། ཁྱེད་རང་ཡོངས་འཛིན་གྱི་སྤྱོད་མཁན་དུ་གྱུར་ཟིན་པ་ལྟར་བརྩི་རྒྱུ་ཡིན།
གཉིས་པ། ཆ་འཕྲིན་ཐོ་འགོད་དང་གསང་དོན་དམ་སྲུང་གི་སྐོར།
༢.༡ ཡོངས་འཛིན་རྩིས་ཨང(ཡོངས་འཛིན་སྤྱོད་མཁན་གྱིIDཡང་ཟེར)གི་རང་བདག་དབང་ཆ་དེ་ཡོངས་འཛིན་ལ་དབང་ཞིང་། ཡོངས་འཛིན་སྤྱོད་མཁན་གྱིས་ཐོ་འགོད་རེ་ཞུའི་འགྲོ་ལུགས་བསྒྲུབས་ཚར་རྗེས། ཡོངས་འཛིན་རྩིས་ཨང་གི་བཀོལ་དབང་ཐོབ་ཐུབ། སྤྱོད་མཁན་གྱིས་དུས་ཐོག་ཏུ་རང་གི་རྒྱུ་ཆ་མ་ནོར་བར་ཕྲ་ཞིང་ཞིབ་པའི་སྒོ་ནས་འདོན་སྤྲོད་བྱེད་དགོས་པར་མ་ཟད། ཐོ་འགོད་བྱས་པའི་རྒྱུ་ཆ་རྒྱུན་མ་ཆད་པར་གསར་བསྒྱུར་བྱས་ཏེ། དུས་ཐོག་དང་། ཞིབ་གསལ། ངེས་གཙིགས་བཅས་ཀྱི་བླང་བྱ་དང་མཐུན་པར་བྱེད་དགོས། ཐོག་མར་ནང་འཇུག་བྱས་པའི་རྒྱུ་ཆ་ཐམས་ཅད་ཐོ་འགོད་རྒྱུ་ཆར་བརྩི་རྒྱུ་ཡིན་པས། གལ་ཏེ་ཐོ་བཀོད་ཆ་འཕྲིན་དོན་དངོས་དང་མི་མཐུན་པར་གནད་དོན་བྱུང་བའམ། ཡང་ན་དེ་ལ་བརྟེན་ནས་བྱུང་བའི་མཇུག་འབྲས་ལ། ཡོངས་འཛིན་གྱིས་འགན་ཅི་ཡང་མི་འཁུར།
༢.༢ སྤྱིར་སྤྱོད་མཁན་གྱིས་རང་གི་རྩིས་ཨང་དང་། གསང་གྲངས་གཞན་ལ་བཤུག་སྤྲོད་དམ། ཕྱིར་འཚོང་ངམ། གཡོར་བ་བཅས་བྱེད་མི་ཆོག་མོད། གལ་ཏེ་སྤྱོད་མཁན་གྱིས་མི་གཞན་ལ་དབང་ཆ་བྱིན་ནས་རྩིས་ཨང་བེད་སྤྱོད་བྱེད་དུ་བཅུག་པ་ཡིན་ན། དབང་ཆ་ཐོབ་མཁན་དེར་རྩིས་ཨང་བེད་སྤྱོད་བྱས་པའི་སྤྱོད་ཚུལ་ཐམས་ཅད་ལ་འགན་འཁུར་དུ་འཇུག་དགོས།
༢.༣ ཡོངས་འཛིན་གྱི་སྒེར་དོན་གསང་རྒྱ་དམ་སྲུང་གསལ་བསྒྲགས་ཀྱི་ནང་དུ་ཡོངས་འཛིན་གྱིས་སྤྱོད་མཁན་གྱི་ཆ་འཕྲིན་ཇི་ལྟར་འཚོལ་སྡུད་དང་བེད་སྤྱོད་བྱེད་ཚུལ་གསལ་བཤད་བྱས་ཡོད་ཅིང་། ཁྱེད་ཀྱིས་རང་ཉིད་དེ་ལ་རྒྱུས་ལོན་གསལ་བོ་བྱུང་ཡོད་པར་མ་ཟད་ཡོངས་འཛིན་གྱིས་དེ་ལྟར་སྤྱོད་མཁན་གྱི་ཆ་འཕྲིན་ཐག་གཅོད་བྱེད་པར་མོས་མཐུན་ཡིན་པར་འགན་ལེན་བྱེད་དགོས། གཤམ་གྱི་སྦྲེལ་མཐུད་འདི་མནན་ནས་ལྟ་བཤེར་བྱོས།
༢.༤ ཡོངས་འཛིན་གྱིས་མཉམ་ལས་རོགས་ཟླ་དང་ལྷན་དུ་ཁྱེད་ལ་ཁྱེད་ཀྱིས་རེ་བ་བཏོན་པའི་ཞབས་ཕྱི་འདོན་སྤྲོད་བྱེད་པའམ། ལྷན་ཅིག་དུ་ཁྱེད་ལ་སྤྲོ་བ་ཡོད་པའི་ནང་དོན་མཁོ་འདོན་བྱེད་སྲིད། ཆ་འཕྲིན་དེ་ཐོན་རྫས་སམ་ཞབས་ཕྱི་དེར་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན་གྱི་འོག་ཏུ། ཡོངས་འཛིན་གྱིས་དེ་དང་མཉམ་དུ་དགོས་ངེས་ཀྱི་ཆ་འཕྲིན་བེད་སྤྱོད་བྱས་ཆོག་པར་ཁྱེད་ཀྱིས་མོས་མཐུན་བྱེད་དགོས་པར་མ་ཟད། ཡོངས་འཛིན་གྱིས་དེར་གཞི་གྲངས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་པ་དང་། སྤྱོད་སྒོ་གཞན་གང་ལ་ཡང་སྤྱད་མི་ཆོག་པར་བཀག་འགོག་བྱེད་ངེས་ཡིན། དེ་མིན། ཡོངས་འཛིན་གྱིས་འབྲེལ་བ་མེད་པའི་ཕྱོགས་གསུམ་པ་སུ་ལའང་ཆ་འཕྲིན་འདོན་སྤྲོད་དམ་མཉམ་སྤྱོད་མི་བྱེད།
༢.༥ གཤམ་གསལ་གནས་ཚུལ་ལ་ཐུག་སྐབས། ཡོངས་འཛིན་གྱིས་ཁྱེད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཀྱང་སྲིད།
(༡)སྔོན་ཚུད་ནས་ཁྱེད་ཀྱི་ཆོག་མཆན་ཐོབ་ཡོད་པ།
(༢)ཁྱེད་ཀྱིས་མཉམ་སྤྱོད་ཀྱི་བྱེད་ནུས་བེད་སྤྱོད་བྱས་པ།
(༣) བཅའ་ཁྲིམས་དང་། ཁྲིམས་སྲོལ། བཅའ་ཁྲིམས་ཀྱི་འགྲོ་རིམ་བཅས་ཀྱི་བླང་བྱའམ་སྲིད་གཞུང་གཙོ་གཉེར་སྡེ་ཁག་གི་བཙན་ཤེད་རང་བཞིན་གྱི་བླང་བྱ་ལྟར།
(༤)རིག་གཞུང་ཞིབ་འཇུག་གམ་སྤྱི་བའི་ཁེ་ཕན་དམིགས་ཡུལ་དུ་འཛིན་པ།
(༥) ཡོངས་འཛིན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆེད་དེ། དཔེར་ན། མགོ་སྐོར་གཏོང་བའམ་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གནད་དོན་རྩད་གཅོད་དང་། སྔོན་འགོག ཐག་གཅོད་བཅས་བྱེད་པའི་ཆེད་དུ་ཡིན་པ་ལྟ་བུའོ། །
(༦) འབྲེལ་ཡོད་ཞབས་ཕྱིའི་དོན་ཚན་ནམ་བཀོལ་སྤྱོད་གྲོས་ཆིངས་ཀྱི་གཏན་ཁེལ་དང་མཐུན་པ།
༢.༦ ཁྱེད་ཀྱིས་ཤེས་དགོས་ཤིང་ཆོག་མཆན་ཐོབ་དགོས་པ། ཡོངས་འཛིན་གྱིས་དགོས་ངེས་ཀྱི་གནས་ཚུལ་ཁོ་ནའི་འོག་ཏུ་བཀོལ་སྤྱོད་བྱེད་པའམ་འབྲེལ་ཡོད་སྤྱི་གཉེར་ཁང་དང་མཉམ་དུ་ཁྱེད་ཀྱི་ཆ་འཕྲིན་བེད་སྤྱོད་བྱས་ཏེ། སྤྱོད་མཁན་གྱི་ཡིད་ཆེས་འདྲེན་པའི་འབྲེལ་ཡོད་ཞབས་ཕྱི་འདོན་སྤྲོད་བྱེད་དུ་འཇུག་དགོས།
གསུམ་པ། བཀོལ་སྤྱོད་སྒྲིག་ལམ་གྱི་སྐོར།
༣.༡ སྤྱོད་མཁན་གྱིས་ཡོངས་འཛིན་ཞབས་ཕྱི་བཀོལ་སྤྱོད་བྱེད་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་ཁེལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་། སྤྱོད་མཁན་གྱིས་ཞབས་ཕྱི་འདི་བེད་སྤྱད་ནས་ཁྲིམས་དང་འགལ་བའམ་ཚུལ་དང་མི་མཐུན་པའི་བྱ་བ་གང་ཡང་མི་བསྒྲུབ་པར་མོས་མཐུན་བྱེད་དགོས། གཤམ་གསལ་སྤྱོད་ཚུལ་རྣམས་འདིའི་ཁོངས་སུ་འདུས་ཤིང་དེ་དག་ཁོ་ན་ཡིན་པས་མ་ཁྱབ་སྟེ།
(༡)ཕབ་འཇོག་དང་། འགྲེམ་སྟོན། པར་སྦྱོར། ཁྱབ་སྤེལ་བྱེད་པའམ་ཡང་ན་བྱེད་ཐབས་གཞན་པ་སྤྱད་ནས་གཤམ་གསལ་ནང་དོན་གང་རུང་ཞིག་ནང་དུ་ཚུད་པའི་ཆ་འཕྲིན་བརྒྱུད་འདྲེན་བྱེད་པ་སྟེ།
༡) རྩ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་པའི་རིགས།
༢) རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གཏོར་བཤིག་བཅས་བྱེད་པའི་རིགས།
༣) རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་པ་སྐྱེལ་བའི་རིགས།
༤) མི་རིགས་ཀྱི་བར་དུ་འཁོན་འཛིན་སློང་ཞིང་དཀྲུག་ཤིང་འཕེན་པ་དང་། མི་རིགས་མཐུན་སྒྲིལ་ལ་གནོད་པ་སྐྱེལ་བའི་རིགས།
༥) རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་གཏོར་བརླག་བྱེད་པ་དང་། ཆོས་ལོག་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སྒྲོག་སྤེལ་བྱེད་པའི་རིགས།
༦) དཀྲོག་གཏམ་བསྒྲགས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ་དང་། སྤྱི་ཚོགས་གཏན་འཇགས་ལ་གཏོར་བརླག་བྱེད་པའི་རིགས།
༧) འདོད་ལོག་དང་། ཆགས་སྲེད། རྒྱན་སྐུག དྲག་འཐབ། དམར་གསོད། འཇིགས་སྐུལ་ལ་སོགས་པའམ། ཡང་ན་མི་ལ་ངན་སྐུལ་བྱས་ཏེ་ནག་ཉེས་གསོག་ཏུ་འཇུག་པ་བཅས་ཀྱི་རིགས།
༨) མི་གཞན་པར་བརྙས་བཅོས་བྱེད་པའམ། ཡང་ན་སྐྱོན་འདོགས་བྱེད་པ་དང་། མི་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་ཀྱི་རིགས།
༩) ཟོལ་སྦྱོར་དང་། གནོད་ལྡན། བཙན་སྐུལ། གཞན་གྱི་གསང་བ་ལ་གནོད་པ་གཏོང་བ། དཀྲོག་རྐྱེན་བཟོ་བ། གཞན་ལ་གནོད་འཚེ་གཏོང་བ། སྐུར་བ་འདེབས་པ། སྤྱོད་པ་རྩིང་བ། སྤྱོད་ལམ་འཆལ་བ་ལ་སོགས་པ་སྟེ། མདོར་ན། ཀུན་སྤྱོད་ཀྱི་ཕྱོགས་ནས་ཀུན་ལ་ཞེན་པ་ལོག་ཏུ་འཇུག་པའི་ནང་དོན་ཡོད་པའི་རིགས།
༡༠) ཀྲུང་གོའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲོལ་ཡིག་དང་དེ་མིན་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་ཚད་གཞི་གང་རུང་གིས་ཚོད་འཛིན་ནམ་བཀག་སྡོམ་བྱས་པའི་ནང་དོན་གཞན་པ་ཡོད་པའི་རིགས།
(༢) ཁྲིམས་འགལ་གྱི་དམིགས་ཡུལ་གང་རུང་གི་ཆེད་དུ་དྲ་བའི་ཞབས་ཕྱི་མ་ལག་བེད་སྤྱོད་བྱེད་མི་ཆོག
(༣) ཡོངས་འཛིན་གྱི་ཞབས་ཕྱི་བེད་སྤྱད་ནས་གཤམ་གསལ་བྱ་འགུལ་མི་སྤེལ་བ།
༡) ཆོག་མཆན་མ་ཐོབ་པར། རྩིས་འཕྲུལ་གྱི་ཆ་འཕྲིན་དྲ་བར་ཞུགས་པའམ་རྩིས་འཕྲུལ་གྱི་ཆ་འཕྲིན་དྲ་བའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་རིགས།
༢) ཆོག་མཆན་མ་ཐོབ་པར། རྩིས་འཕྲུལ་གྱི་ཆ་འཕྲིན་དྲ་བའི་བྱེད་ནུས་གསུབ་པའམ། ཡང་ན་བཟོ་བཅོས་སམ་ཁ་སྣོན་བྱེད་པའི་རིགས།
༣) ཆོག་མཆན་མ་ཐོབ་པར། རྩིས་འཕྲུལ་གྱི་ཆ་འཕྲིན་དྲ་བར་ནང་འཇུག་བྱས་ཏེ་གསོག་ཉར་དང་། ཐག་གཅོད་དམ་བརྒྱུད་འདྲེན་བཅས་བྱས་པའི་གཞི་གྲངས་དང་བཀོལ་སྤྱོད་བསྒྲིགས་རིམ་གསུབ་པའམ། ཡང་ན་བཟོ་བཅོས་སམ་ཁ་སྣོན་བྱེད་པའི་རིགས།
༤) བསམ་བཞིན་དུ་རྩིས་འཕྲུལ་གྱི་ནད་དུག་བཟོས་ཏེ་ཁྱབ་སྤེལ་བྱེད་པ་སོགས་གཏོར་བཤིག་རང་བཞིན་གྱི་བསྒྲིགས་རིམ་བཟོ་འགོད་བྱེད་པའི་རིགས།
༥) རྩིས་འཕྲུལ་གྱི་ཆ་འཕྲིན་དྲ་བའི་བདེ་འཇགས་ལ་གནོད་པ་ཡོད་པའི་སྤྱོད་ཚུལ་གཞན་པའི་རིགས།
༣.༢ སྤྱོད་མཁན་གྱིས་གྲོས་ཆིངས་འདི་དང་ཡང་ན་འབྲེལ་ཡོད་ཀྱི་ཞབས་ཕྱི་དོན་ཚན་གྱི་གཏན་ཁེལ་ལ་རྒྱབ་འགལ་བྱས་པ་ལས་བྱུང་བའི་ཕྱོགས་གསུམ་པ་གང་རུང་གིས་བཏོན་པའི་གྱོང་གསབ་དང་། རེ་བའམ་གྱོང་གུན་གང་རུང་དང་། ལུགས་དང་མཐུན་པའི་ཁྲིམས་རྩོད་པའི་འགྲོ་སོང་དང་བཅས་པ། ཁྱེད་ཀྱིས་ཡོངས་འཛིན་དང་མཉམ་ལས་སྤྱི་གཉེར་ཁང་། འབྲེལ་ཡོད་སྤྱི་གཉེར་ཁང་བཅས་ལ་སྐྱིན་ཚབ་སྤྲོད་པར་མོས་མཐུན་བྱས་ཏེ་དེ་ལ་གནོད་སྐྱོན་མི་ཐེབས་པར་བྱེད་དགོས། དེའི་ཕྱིར། ཡོངས་འཛིན་ལ་སྤྱོད་མཁན་གྱི་སྤྱོད་སྟངས་ལ་གཞིགས་ནས། སྤྱོད་མཁན་གྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་གྱི་ནང་དོན་མེད་པར་གཏོང་བ་དང་། བེད་སྤྱོད་བཀའ་འཁྲོལ་གནས་སྐབས་སུ་མཚམས་འཇོག་པ། ཞབས་ཕྱིའི་མཚམས་འཇོག་པ། བེད་སྤྱོད་བྱེད་པར་ཚོད་འཛིན་པ། ཡོངས་འཛིན་རྩིས་ཨང་ཕྱིར་བསྡུ་བ། བཅའ་ཁྲིམས་ཀྱི་འགན་འཁྲི་འདེད་པ་ལ་སོགས་པའི་བྱེད་ཐབས་སྤྱད་ཆོག་པའི་དབང་ཆ་ཡོད་པ་དང་། བསམ་ངན་ཁོག་བཅུག་གིས་ཡོངས་འཛིན་རྩིས་ཨང་ཐོ་འགོད་བྱེད་པའམ་ཡོངས་འཛིན་རྩིས་ཨང་བེད་སྤྱད་ནས་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ་དང་། སྤྱོད་མཁན་གཞན་པར་ཕུང་དཀྲུག་པ་དང་། དཀྲོག་རྐྱེན་བཟོ་བ། མགོ་སྐོར་གཏོང་བ་དང་། དེ་མིན་ད་དུང་གྲོས་ཆིངས་འདིར་རྒྱབ་འགལ་བྱེད་པའི་སྤྱོད་ཚུལ་གཞན་པའི་རིགས་ཀྱང་ཡོད་ན། ཡོངས་འཛིན་ལ་དེའི་རྩིས་ཨང་ཕྱིར་བསྡུ་བའི་དབང་ཆ་ཡོད། དེ་དང་མཉམ་དུ། ཡོངས་འཛིན་བདག་གཉེར་ཕྱོགས་ཀྱིས་ཁྲིམས་འཛིན་སྡེ་ཁག་གི་བླང་བྱ་ལྟར་དཔྱད་བརྟག་བྱེད་པར་རམ་འདེགས་བྱེད་སྲིད་པ་ཡིན།
༣.༣ སྤྱོད་མཁན་གྱིས་ཞབས་ཕྱི་འདིའི་ཆ་ཤས་གང་རུང་ངམ་ཞབས་ཕྱི་འདི་བེད་སྤྱོད་བྱེད་པའམ། ཡང་ན་རང་ལ་གོ་སྐབས་འདི་འཐོབ་པའི་ཆེད་དུ། འདྲ་བཟོ་དང་། འདྲ་བཤུ། ཕྱིར་འཚོང་། བརྒྱུད་འཚོང་བྱེད་པའམ། ཡང་ན་ཚོང་ལས་ཀྱི་དམིགས་ཡུལ་གཞན་པ་གང་རུང་གི་ཆེད་དུ་བེད་སྤྱོད་བྱེད་མི་ཆོག
༣.༤ སྤྱོད་མཁན་གྱིས་ཡོངས་འཛིན་ཞབས་ཕྱི་བེད་སྤྱོད་བྱེད་པའི་བྱ་རིམ་ཁྲོད་ངེས་པར་དུ་རང་གི་བྱ་སྤྱོད་ཀྱི་ཕྱོགས་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ཤིང་། སྤྱོད་མཁན་གྱིས་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲིའི་རྣམ་གྲངས་ལ། གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་སྤྲོད་པ་དང་། དེ་མིན་ཡོངས་འཛིན་བདག་གཉེར་ཕྱོགས་ཀྱིས་ཐོག་མར་སྤྱོད་མཁན་གྱི་སྤྱོད་ཚུལ་གྱི་དབང་གིས་བྱུང་བའི་སྲིད་འཛིན་ཉེས་ཆད་དམ་ཁེ་དབང་ལ་གནོད་པ་བསྐྱེལ་བར་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་དང་ལེན་བྱས་རྗེས། སྤྱོད་མཁན་གྱིས་ཡོངས་འཛིན་བདག་གཉེར་ཕྱོགས་ལ་གྲངས་མཉམ་གྱི་སྐྱིན་ཚབ་སྤྲོད་དགོས་པ་བཅས་འདིའི་ཁོངས་སུ་འདུས་ཤིང་དེ་ཁོ་ན་ཡིན་པས་མ་ཁྱབ།
བཞི་བ། ཞབས་ཕྱིའི་ནང་དོན་གྱི་སྐོར།
༤.༡ ཡོངས་འཛིན་དྲ་བའི་ཞབས་ཕྱིའི་བྱེ་བྲག་གི་ནང་དོན་ནི། ཡོངས་འཛིན་གྱིས་གནས་ཚུལ་དངོས་གཞིར་བཟུང་ནས་འདོན་སྤྲོད་བྱ་རྒྱུ་ཡིན།
༤.༢ ཞབས་ཕྱིའི་གྲོས་ཆིངས་འདི་ལས་གཞན་ད་དུང་གཏན་ཁེལ་གཞན་ཡོད་དེ། དཔེར་ན་ཡོངས་འཛིན་གྱིས་འོས་སྦྱོར་བྱས་པའི་ཐོན་རྫས་གསར་བ་དང་། བྱེད་ནུས་གསར་བ། ཞབས་ཕྱི་གསར་བ་བཅས་ཚང་མ་ཞབས་ཕྱིའི་གྲོས་ཆིངས་འདི་ཚད་ལྡན་དུ་གཏོང་བའི་རིགས་སུ་གཏོགས་པ་ཡིན།
༤.༣ ཞབས་ཕྱི་འདི་བེད་སྤྱོད་བྱེད་འདོད་ན། ཁྱེད་ཀྱིས་ངེས་པར་དུ་བཅའ་ཁྲིམས་ཀྱི་འོས་ཐོབ་ལྡན་ཞིང་། ཁྱེད་ལ་འབྲེལ་དྲའི་ནང་འཇུག་ཞབས་ཕྱི་འདོན་སྤྲོད་བྱེད་ནུས་པའི་ཕྱོགས་གསུམ་པ་བརྒྱུད་ནས་རྒྱལ་སྤྱིའི་འབྲེལ་དྲའི་ནང་དུ་འཇུག་དགོས་པར་མ་ཟད། འབྲེལ་ཡོད་ཞབས་ཕྱིའི་གྲོན་དངུལ་ཡང་རང་གིས་གཏོང་དགོས། དེ་ལས་གཞན། ཁྱེད་ཀྱིས་ངེས་པར་དུ་རྒྱལ་སྤྱིའི་འབྲེལ་དྲ་དང་སྦྲེལ་མཐུད་བྱེད་པར་དགོས་ངེས་ཀྱི་མཁོ་ཆས་ཀྱང་རང་གིས་སྒྲིག་སྦྱོར་བྱེད་པའི་འགན་འཁུར་དགོས་ལ། ད་དུང་རྩིས་འཕྲུལ་དང་། གཞི་གྲངས་འཕྲུལ་དང་བཅས་པའི་གསོག་ལེན་སྒྲིག་ཆས་སོགས་ཀྱང་འདིའི་ནང་དུ་ཐེའོ། །
༤.༤ དྲ་བའི་ཞབས་ཕྱིའི་དམིགས་བསལ་རང་བཞིན་ལ་གཞིགས་ནས། ཡོངས་འཛིན་གྱིས་སྔོན་ལ་བརྡ་སྦྱོར་མ་བཏང་བར་དྲ་བའི་ཞབས་ཕྱིའི་ཆ་ཤས་སམ་ཡོངས་རྫོགས་དུས་བབ་དང་བསྟུན་ནས་བསྒྱུར་བཅོས་བྱེད་པའམ། བར་མཚམས་འཇོག་པའམ་ཡང་ན་མཇུག་སྒྲིལ་བར་བྱེད་པ་བཅས་ཀྱི་དབང་ཆ་ཡོད་པར་སྤྱོད་མཁན་གྱིས་མོས་མཐུན་བྱེད་དགོས(གླ་ཡོན་ལེན་པའི་དྲ་བའི་ཞབས་ཕྱིའང་འདིའི་ནང་དུ་ཚུད་དོ)། ཡོངས་འཛིན་གྱིས་དྲ་བའི་ཞབས་ཕྱི་བར་མཚམས་མི་ཆད་པར་འགན་ལེན་བྱེད་མི་ཐུབ་ལ། དྲ་བའི་ཞབས་ཕྱིའི་དུས་ཐོག་རང་བཞིན་དང་། བདེ་འཇགས་རང་བཞིན། ངེས་གཙིགས་རང་བཞིན་བཅས་ལའང་འགན་ལེན་མི་བྱེད།
༤.༥ གལ་སྲིད་ཡོངས་འཛིན་གྱིས་དུས་བཅད་ཡིན་མིན་གང་རུང་གི་སྒོ་ནས་དྲ་བའི་ཞབས་ཕྱི་ལ་མཐུན་རྐྱེན་སྦྱོར་དགོས་བྱུང་བའམ་འབྲེལ་ཡོད་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་ཞིག་གསོ་བྱེད་དགོས་པ་བྱུང་སྟེ། རྒྱུ་མཚན་དེ་རིགས་ཀྱི་དབང་གིས་དྲ་བའི་ཞབས་ཕྱི(གླ་ཡོན་ལེན་པའི་དྲ་བའི་ཞབས་ཕྱི་ཡང་འདིའི་ནང་དུ་ཚུད)འོས་འཚམ་གྱི་དུས་ཚོད་དེའི་ནང་དུ་མཚམས་ཆད་སོང་ན། ཡོངས་འཛིན་གྱིས་དེའི་ཕྱོགས་ནས་འགན་ཅི་ཡང་མི་འཁུར། ཡོངས་འཛིན་གྱིས་སྔོན་ལ་བརྡ་མ་བཏང་བར་བདག་གཅེས་ཉམས་གསོ་བྱེད་པ་དང་། རིམ་པ་སྤར་བའམ། ཡང་ན་དམིགས་ཡུལ་གཞན་པའི་ཆེད་དུ་ཞབས་ཕྱི་འདིའི་ཆ་ཤས་གང་རུང་མཚམས་འཇོག་པ་བཅས་ཀྱི་ཁེ་དབང་རང་སོར་འཇོག་རྒྱུ་ཡིན།
༤.༦ ཞབས་ཕྱི་འདིའམ་ཕྱོགས་གསུམ་པས་འདི་ལས་གཞན་པའི་རྒྱལ་སྤྱིའི་འབྲེལ་དྲའི་སྟེང་གི་དྲ་ཚིགས་སམ་ཐོན་ཁུངས་ཀྱི་སྦྲེལ་མཐུད་འདོན་སྤྲོད་བྱས་ཆོག་ཀྱང་། ཡོངས་འཛིན་གྱིས་དྲ་ཚིགས་དང་ཐོན་ཁུངས་འདི་དག་ལ་ཚོད་འཛིན་བྱ་ཐབས་མེད་པར་ཁྱེད་ཀྱིས་རྒྱུས་ལོན་དང་མོས་མཐུན་བྱེད་དགོས། དྲ་ཚིགས་སམ་ཐོན་ཁུངས་འདི་རིགས་བེད་སྤྱོད་བྱ་ཆོག་མིན་ལ་ཡོངས་འཛིན་གྱིས་འགན་འཁུར་མི་ཐུབ་ཅིང་། དྲ་ཚིགས་སམ་ཐོན་ཁུངས་འདི་རིགས་ལ་ཡོད་པའམ་དེ་ལས་བྱུང་བའི་ནང་དོན་དང་། འགྲེམ་བརྡ། ཐོན་རྫས་སམ་གཞན་པའི་རྒྱུ་ཆ་གང་རུང་ལ་ཡང་ཡོངས་འཛིན་གྱིས་ཁག་ཐེག་དང་འགན་ལེན་བྱེད་མི་ཐུབ། དྲ་ཚིགས་སམ་ཐོན་ཁུངས་འདི་རིགས་གང་རུང་བེད་སྤྱོད་བྱས་པའམ་དེ་ལ་བརྟེན་ནས་ཁྱབ་བསྒྲགས་བྱས་པའམ། ཡང་ན་དྲ་ཚིགས་སམ་ཐོན་ཁུངས་འདི་རིགས་བརྒྱུད་ནས་བླངས་པའི་ནང་དོན་དང་། ཚོང་རྫས་སམ་ཞབས་ཕྱི་གང་རུང་ལས་བྱུང་བའི་གནོད་སྐྱོན་དང་གྱོང་གུན་གང་རུང་ལ། ཡོངས་འཛིན་གྱིས་འགན་ཅི་ཡང་འཁུར་མི་ཐུབ།
༤.༧ སྤྱོད་མཁན་གྱིས་ཡོངས་འཛིན་དྲ་བའི་ཞབས་ཕྱི་བེད་སྤྱོད་བྱེད་སྐབས། འབྱུང་སྲིད་པའི་ཉེན་ཁག་རང་ཉིད་ཀྱིས་ལེན་པར་མོས་མཐུན་བྱུང་ཡོད་ཚུལ་གསལ་བོ་ཡིན་དགོས། སྤྱོད་མཁན་གྱིས་ཕབ་ལེན་བྱས་པའམ་ཡོངས་འཛིན་ཞབས་ཕྱི་བརྒྱུད་ནས་བླངས་པའི་ཆ་འཕྲིན་རྒྱུ་ཆ་གང་ཡིན་ཡང་སྤྱོད་མཁན་རང་ཉིད་ལ་རག་ལས་ཡོད་པ་རྒྱུས་ལོན་དང་དང་ལེན་བྱེད་དགོས་པར་མ་ཟད། མ་ལག་ལ་གནོད་སྐྱོན་ཐེབས་པ་དང་། རྒྱུ་ཆ་བོར་བརླག་བྱུང་བ་དང་དེ་མིན་གཞན་པའི་ཉེན་ཁ་གང་ཡིན་ཡང་སྤྱོད་མཁན་རང་ཉིད་ཀྱིས་འགན་ལེན་བྱེད་དགོས། ཡོངས་འཛིན་གྱིས་ཞབས་ཕྱི་དྲ་བའི་སྟེང་གི་ཚོང་རྫས་ཉོ་སྒྲུབ་ཞབས་ཕྱི་དང་། ཉོ་ཚོང་འཕེལ་རིམ། གདན་ཞུའི་ཆ་འཕྲིན་ལ་སོགས་པར་འགན་ལེན་བྱེད་མི་ཐུབ།
༤.༨ སྤྱོད་མཁན་གྱིས་ངེས་པར་དུ་ཤེས་རྒྱུ་ཞིག་ལ། ཡོངས་འཛིན་གྱིས་འདོན་སྤྲོད་བྱས་པའི་སྔོག་འདོན་དང་འོས་སྦྱོར་ཞབས་ཕྱི་སྣ་ཚོགས་ཀྱི་ནང་དུ(ཡོངས་འཛིན་གྱི་དཙོ་ངོས་གསར་བའི་ཕྱོགས་སྟོན་དྲ་གནས་ཀྱི་འོས་སྦྱོར་དང་བཅས་པ)། སྤྱོད་མཁན་ལ་འོས་སྦྱོར་བྱས་པའི་དེ་སྔ་འདྲི་གཏུག་བྱས་མྱོང་བའི་དྲ་ཚིགས་སམ་ཐོན་ཁུངས་ཀྱི་སྦྲེལ་མཐུད་ནི་འཕྲུལ་ཆས་ཀྱི་རྩིས་ཐབས་ལ་བརྟེན་ནས་རང་འགུལ་གྱིས་ཐོན་པ་ཞིག་ཡིན་པས། ཡོངས་འཛིན་གྱིས་དེའི་ནང་དོན་གྱི་ནུས་ལྡན་རང་བཞིན་དང་། བདེ་འཇགས་རང་བཞིན། ཁྲིམས་མཐུན་རང་བཞིན་སོགས་ལ་འགན་ལེན་ཅི་ཡང་མི་བྱེད།
༤.༩ ཟླ་བ་དྲུག་གི་རིང་ལ་ཐོ་འཇུག་མ་བྱས་པར་བསྐྱུར་བའི་སྤྱོད་མཁན་རྩིས་ཨང་བྱུང་ན། ཡོངས་འཛིན་ལ་རྩིས་ཨང་དེའི་སྒོ་བསུམ་ཆོག་པའི་ཁེ་དབང་ཡོད།
༤.༡༠ ཡོངས་འཛིན་ལ་ག་དུས་ཡིན་ཡང་ཞབས་ཕྱི་འདི(ཡང་ན་འདིའི་ཆ་ཤས་གང་རུང)ལ་གནས་སྐབས་སམ་དུས་གཏན་དུ་བཟོ་བཅོས་བྱེད་པའམ་མཇུག་སྒྲིལ་བའི་དབང་ཆ་ཡོད་པ་དང་། བརྡ་སྦྱོར་བཏང་མ་བཏང་གང་ཡིན་རུང་། ཡོངས་འཛིན་གྱིས་སྤྱོད་མཁན་དང་ཕྱོགས་གསུམ་པ་སུ་ལའང་འགན་ལེན་མི་བྱེད།
༤.༡༡ མཇུག་སྒྲིལ་ཞབས་ཕྱིའི་སྐོར།
ཡོངས་འཛིན་གྱིས་རང་རྐང་གི་ཕན་གནོད་ལ་གཞིགས་ནས། རྒྱུ་མཚན་གང་རུང་གི་དབང་གིས། དུས་ཡུན་རིང་བོར་བེད་སྤྱོད་མི་བྱེད་པའམ། ཡོངས་འཛིན་གྱིས་ཁྱེད་ཀྱིས་ཞབས་ཕྱིའི་གྲོས་ཆིངས་འདིའི་ཡི་གེ་དང་དགོངས་དོན་ལ་རྒྱབ་འགལ་བྱས་སོང་བར་ངོས་བཟུང་ནས། ཁྱེད་ཀྱི་གསང་ཨང་དང་། རྩིས་ཨང་ངམ་ཞབས་ཕྱི་འདིའི་སྤྱོད་དབང(ཡང་ན་ཞབས་ཕྱིའི་ཆ་ཤས་གང་རུང)མཇུག་སྒྲིལ་བ་མ་ཟད། ཞབས་ཕྱི་འདིའི་ཁྲོད་དུ་ཡོད་པའི་ཁྱེད་ཀྱི་ཆ་འཕྲིན་ནང་དོན་གང་རུང་གསུབ་པར་བྱེད་ངེས་ཡིན། ཞབས་ཕྱིའི་གྲོས་ཆིངས་འདིའི་གཏན་ཁེལ་གང་རུང་གཞིར་བཟུང་ནས་འདོན་སྤྲོད་བྱས་པའི་ཞབས་ཕྱི་ལ། སྔོན་ཚུད་ནས་བརྡ་སྦྱོར་མ་བཏང་ཡང་བར་མཚམས་འཇོག་པའམ་མཇུག་སྒྲིལ་བྱས་ཆོག་པར་ཁྱེད་རང་མོས་མཐུན་བྱེད་དགོས། ཡོངས་འཛིན་གྱིས་ཁྱེད་ཀྱི་རྩིས་ཨང་དང་ཁྱེད་ཀྱི་རྩིས་ཨང་ནང་གི་འབྲེལ་ཡོད་ཆ་འཕྲིན་དང་ཡིག་ཆ་ཐམས་ཅད་འཕྲལ་མར་སྒོ་རྒྱག་པའམ་གསུབ་པ་དང་། ཡང་ན་གོང་སྨོས་ཡིག་ཆའམ་ཞབས་ཕྱི་འདི་མུ་མཐུད་དུ་བེད་སྤྱོད་པར་བཀག་འགོག་བྱེད་ཆོག་པར་ཁྱེད་ཀྱིས་མོས་མཐུན་བྱེད་དགོས། དེ་ལས་གཞན། གལ་ཏེ་ཞབས་ཕྱི་འདིའི་བེད་སྤྱོད་ཀྱི་བར་མཚམས་ཆད་པའམ་མཇུག་སྒྲིལ་བ་དང་། ཡང་ན་ཁྱེད་ཀྱི་རྩིས་ཨང་དང་འབྲེལ་ཡོད་ཆ་འཕྲིན་དང་ཡིག་ཆའི་སྒོ་བརྒྱབ་པའམ་མེད་པར་བཟོས་པར་ཁྱེད་ཀྱིས་མོས་མཐུན་བྱེད་དགོས་ཤིང་། ཡོངས་འཛིན་གྱིས་ཁྱེད་ཉིད་དམ་ཕྱོགས་གསུམ་པ་སུ་ལའང་འགན་ལེན་མི་བྱེད།
ལྔ་བ། ཤེས་རིག་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་པའི་སྐོར། (མིང་གྲགས་བདག་དབང་དང་ཚོང་ཐང་བདག་དབང་ཁོངས་སུ་འདུས་ཤིང་དེ་དག་ཁོ་ན་ཡིན་པས་མ་ཁྱབ)
༥.༡ སྤྱོད་མཁན་གྱི་ཆེད་གཏོགས་ཁེ་དབང་།
ཡོངས་འཛིན་གྱིས་མི་གཞན་གྱི་ཤེས་རིག་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་བྱེད་ཅིང་། སྤྱོད་མཁན་གྱིས་ཀྱང་དེ་བཞིན་དུ་ཤེས་རིག་ཐོན་དབང་དང་མི་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་བྱེད་པར་འབོད་སྐུལ་བཏང་བ་ཡིན། གལ་ཏེ་ཁྱེད་ཀྱིས་རང་གི་ཤེས་རིག་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་པར་གནོད་འཚེ་ཐེབས་སོང་བར་འདོད་ན། གཤམ་གྱི་གསལ་བཤད་ལྟར་ཡོངས་འཛིན་ལ་རྒྱུ་ཆ་འདོན་སྤྲོད་བྱེད་པར་ཞུ།
ཁྱེད་ཀྱིས་མཉམ་འཇོག་རྒྱུ་ཞིག་ལ། གལ་ཏེ་ཁེ་དབང་བརྡ་སྦྱོར་གྱི་ནང་དོན་དོན་དངོས་དང་མི་མཐུན་ན། ཁེ་དབང་བརྡ་སྦྱོར་གཏོང་མཁན་གྱིས་དེ་ལ་བརྟེན་ནས་བྱུང་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡོངས་རྫོགས་འཁུར་དགོས(འགྲོ་གྲོན་སྣ་ཚོགས་དང་ཁྲིམས་རྩོད་པའི་འགྲོ་སོང་ལ་སྐྱིན་ཚབ་སྤྲོད་པ་ནི་འདིའི་ཁོངས་སུ་འདུས་ཤིང་འདི་ཁོ་ན་ཡིན་པས་མ་ཁྱབ)། གལ་ཏེ་གོང་གསལ་མི་སྒེར་རམ་སྡེ་ཁག་གིས་དྲ་བའི་སྟེང་ནས་ཕབ་ལེན་ཐུབ་པའི་དཔྱད་གཞིའི་རྒྱུ་ཆས་རང་གི་ཤེས་རིག་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་སྐྱེལ་ཡོད་མེད་ཐག་གིས་མི་ཆོད་ན། ཡོངས་འཛིན་གྱིས་མི་སྒེར་རམ་སྡེ་ཁག་དེས་ཐོག་མར་ཆེད་ལས་མི་སྣ་ལ་བློ་འདྲི་བའི་བསམ་ཚུལ་བཏོན་པ་ཡིན།
ཡོངས་འཛིན་གྱིས་ནུས་པ་ལྡན་པའི་སྒོ་ནས་གོང་གསལ་མི་སྒེར་རམ་སྡེ་ཁག་གི་ཁེ་དབང་བརྡ་སྦྱོར་ཐག་གཅོད་བྱ་ཆེད། ཁྱེད་ཀྱིས་གཤམ་གསལ་དོན་ཚན་སོ་སོའི་བསྟར་ཨང་དང་བཅས་པའི་རྣམ་གཞག་བེད་སྤྱོད་བྱེད་པར་ཞུ།
༡ ཁེ་དབང་འཛིན་མིར་རང་གི་ཁེ་དབང་ལ་གནོད་པ་ཐེབས་པར་དོགས་པ་ཡོད་པའི་ནང་དོན་ལ་ཤེས་རིག་ཐོན་དབང་ངམ་ཁྲིམས་མཐུན་ཁེ་དབང་གཞན་པ་དང་། ཡང་ན་ཁྲིམས་ལྟར་ཤེས་རིག་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་པ་སྤྱོད་ཆོག་པའི་དབང་གཏོགས་དཔང་ཡིག་ཡོད་པ།
༢ ཤེས་རིག་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་པར་གནོད་པ་བྱས་པའི་གནས་ཚུལ་གསལ་བོར་བརྗོད་དགོས་པར་མ་ཟད། ཁེ་དབང་ལ་གནོད་པ་བྱས་པར་དོགས་པ་ཡོད་པའི་ཕྱོགས་གསུམ་པའི་དྲ་གནས(གལ་ཏེ་ཡོད་ན)ཀྱང་འདོན་སྤྲོད་བྱེད་དགོས།
༣ ཁེ་དབང་ལ་གནོད་པ་བྱས་པར་དོགས་པ་ཡོད་པའི་དྲ་ངོས་ཀྱི་ནང་དོན་གང་དག་གིས་དོན་ཚན་གཉིས་པའི་ནང་བཀོད་པའི་ཁེ་དབང་འཛིན་མིའི་ཁྲིམས་མཐུན་ཁེ་དབང་གང་ལ་གནོད་པ་བྱས་ཡོད་ཚུལ་གསལ་བོར་བཤད་དགོས།
༤ ཁེ་དབང་འཛིན་མིའི་འབྲེལ་གཏུག་ཆ་འཕྲིན་བྱེ་བྲག་པ་སྟེ། (རང་བཞིན་གྱི་མིའི)རུས་མིང་དང་། ཐོབ་དཔང་ངམ་ཕྱི་བསྐྱོད་ལམ་ཡིག་བསྐྱར་དཔར་མ། (སྡེ་ཚན་གང་རུང་གི)ཐོ་འགོད་དཔང་ཡིག་བསྐྱར་དཔར་མ། འཕྲིན་གཏོང་གནས་ཡུལ། ཁ་པར་ཨང་གྲངས། གཟུགས་འཕྲིན་དང་གློག་རྡུལ་འཕྲིན་ཡིག་ལ་སོགས་པ་འདོན་སྤྲོད་བྱ་དགོས།
༥ ཆ་འཕྲིན་དྲ་བ་སྟེང་གི་ཁེ་དབང་ལ་གནོད་པ་བྱས་པར་དོགས་པའི་ནང་དོན་གྱི་གནས་ཡུལ་འདོན་སྤྲོད་བྱས་ཏེ(དཔེར་ན་ཁྱེད་ཀྱིས་ཐེར་འདོན་བྱས་པའི་ཁེ་དབང་ལ་གནོད་པ་བྱས་པའི་ནང་དོན་གྱི་འབྱུང་ཁུངས་ཏེ། དྲ་ངོས་ཀྱི་གནས་ཡུལ་དང་ཡང་ན་དྲ་ངོས་ནང་ཁུལ་གྱི་གནས་ཡུལ་ལྟ་བུ)། ང་ཚོས་ཁྱེད་ཀྱིས་ཐེར་འདོན་བྱས་པའི་ཁེ་དབང་ལ་གནོད་པ་བྱས་པའི་ནང་དོན་ཅན་གྱི་དྲ་ངོས་ཀྱི་བདག་དབང་པའམ་དོ་དམ་མི་སྣར་འབྲེལ་གཏུག་བྱེད་པར་སྟབས་བདེ་བཟོ་དགོས།
༦ ཁེ་དབང་བརྡ་སྦྱོར་གྱི་ནང་དུ་གཤམ་གསལ་བརྡ་སྦྱོར་ནང་དོན་གྱི་དོན་དངོས་རང་བཞིན་སྐོར་གྱི་གསལ་བསྒྲགས་ཁ་སྣོན་བྱ་དགོས་ཏེ། “ཁེ་དབང་བརྡ་སྦྱོར་འདིའི་ནང་དུ་གསལ་བའི་ཆ་འཕྲིན་འཛོམས་པོ་ཡིན་ཞིང་། དོན་དངོས་དང་མཐུན་ལ། གནས་ཚུལ་གཙིགས་མོ་ཡིན་པ་དང་། གལ་སྲིད་ཁེ་དབང་བརྡ་སྦྱོར་འདིའི་ནང་དོན་ཚང་མ་དོན་དངོས་དང་མི་མཐུན་ན། དེ་ལ་བརྟེན་ནས་བྱུང་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡོངས་རྫོགས་རང་ཉིད་ཀྱིས་འཁུར་བ་རང་གིས་ཁག་ཐེག་བྱས་པ་ཡིན།”
༧ ཡིག་ཆའི་སྟེང་རང་གི་མིང་རྟགས་འགོད་དགོས་པ་དང་། གལ་ཏེ་ཁྱེད་ནི་ཁྲིམས་ལྟར་བཙུགས་པའི་ལས་ཁུངས་སམ་སྒྲིག་འཛུགས་ཡིན་ན་གཞུང་ཐམ་རྒྱག་དགོས།
ཁྱེད་ཀྱིས་གོང་གསལ་རྒྱུ་ཆ་དང་འབྲེལ་གཏུག་བྱེད་ཐབས་ཡིག་ཐོག་ནས་གཤམ་གྱི་ལས་ཁུངས་ལ་བསྐུར་དགོས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་གྲོང་གསར་རིག་གནས་སྨྱན་སྦྱོར་ཐོག་ཁང་།
མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟི།
སྦྲག་སྲིད་ཨང་གྲངས། ༨༡༣༠༠༠
༥.༢ སྤྱོད་མཁན་གྱིས་ཡོངས་འཛིན་ཞབས་ཕྱི(ཡིག་ཚང་དང་། དྲིས་ལན། བརྙན་རིས་ལ་སོགས་པ་འདུས་ཤིང་དེ་ཙམ་གྱིས་མ་ཁྱབ)བརྒྱུད་ནས་ཡོངས་འཛིན་དྲ་ཚིགས་སྟེང་དུ་ཡར་སྤྲོད་བྱས་ཏེ་མངོན་གསལ་དུ་རང་ལ་ཐོབ་ཐབས་བྱས་ཆོག་པའི་ཁྱབ་ཁོངས་དེའི་ནང་དོན་གང་རུང་ལ། ཡོངས་འཛིན་ལ་འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་སུ་རིན་པ་སྤྲོད་མི་དགོས་པ་དང་། དུས་གཏན་རང་བཞིན། ཕྱིར་འཐེན་བྱས་མི་ཆོག་པ། རང་ཚུགས་མ་ཡིན་པ། རྦད་དེ་ཡང་བསྐྱར་བཀའ་འཁྲོལ་གནང་བ་བཅས་ཀྱི་ཁེ་དབང་དང་བཀའ་འཁྲོལ་ལྡན་པ་དང་། བེད་སྤྱོད་དང་། འདྲ་བཟོ། བཟོ་བཅོས། བསྐྱར་སྒྲིག པར་བསྐྲུན། ཡིག་བསྒྱུར། གསར་རྩོམ་ལས་འཕྲོས་པའི་བརྩམས་ཆོས། ཁྱབ་སྤེལ། འཁྲབ་སྟོན། འགྲེམ་སྟོན་སོགས་ཀྱི་ ནང་དོན(ཧྲིལ་བོའམ་ཆ་ཤས)དང་། ཡང་ན་ནང་དོན་དེའི་རིགས་མིག་སྔར་ཤེས་ཟིན་པའམ་རྗེས་སུ་གསར་སྤེལ་བྱེད་པའི་བརྩམས་ཆོས་དང་། སྨྱན་བྱད་དམ་ལག་རྩལ་རྣམ་པ་གང་རུང་གི་ནང་དུ་བཞག་ཆོག་པར་མོས་མཐུན་བྱེད་དགོས།
༥.༣ ཡོངས་འཛིན་ལ་དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཐམས་ཅད་ཀྱི་པར་དབང་ལྡན་པ་དང་། བཀའ་དབང་ཐོབ་པའི་རགས་ལྟ་དང་། འདྲ་བཟོ། ཡིག་དཔར། ཁྱབ་སྤེལ་སོགས་གང་ཡིན་ཡང་དྲ་ཚིགས་འདིར་གཏོགས་པའི་རྒྱུ་ཆར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས།
(༡) རྒྱུ་ཆ་དང་གཟུགས་རིས་སྣ་ཚོགས་འགོད་པའི་དམིགས་ཡུལ་ནི་ཆ་འཕྲིན་ཐོབ་ཐབས་བྱེད་པའི་ཆེད་དུ་ཡིན་དགོས་པ།
(༢) དྲ་ཐོག་གི་རྒྱུ་ཆ་དང་གཟུགས་རིས་ཐམས་ཅད་ཚོང་ལས་ལ་དམིགས་ནས་བཀོལ་སྤྱོད་བྱེད་མི་ཆོག་པ།
(༣) རྒྱུ་ཆ་དང་། གཟུགས་རིས་སམ་དེའི་གྲུབ་ཆ་གང་རུང་ཐམས་ཅད་ངེས་པར་དུ་གསལ་བསྒྲགས་བྱས་པའི་པར་དབང་འདིའི་ཁོངས་སུ་གཏོགས་དགོས་པ།
(༤) དྲ་ཚིགས་འདིའི(www.yongzin.com)ཐོན་རྫས་དང་ལག་རྩལ་དང་བསྒྲིགས་རིམ་ཐམས་ཅད་བཅས་ཡོངས་འཛིན་གྱི་ཤེས་རིག་ཐོན་དབང་ལ་གཏོགས་ཤིང་། འདི་ནས་སྤྱོད་མཁན་ལ་དབང་ཆ་བྱིན་མེད།
(༥)“Yongzin”、“ཡོངས་འཛིན”、“” དང་འབྲེལ་ཡོད་གཟུགས་རིས་ལ་སོགས་པ་ནི་ཡོངས་འཛིན་གྱི་ཐོ་བཀོད་ཚོང་རྟགས་ཡིན།
(༦) ཡོངས་འཛིན་གྱི་ཆོག་མཆན་མ་ཐོབ་པར། མི་སུས་ཀྱང་རང་དགར་བེད་སྤྱོད(ཁྲིམས་འགལ་གྱི་བྱེད་ཐབས་སྤྱད་ནས་འདྲ་བཟོ་དང་། སྒྲོག་སྤེལ། འགྲེམ་སྟོན། སྣང་བརྙན། འགེལ་འཇོག ཕབ་ལེན་བྱེད་པ་སོགས་ཁོངས་སུ་འདུས་ཤིང་དེ་ཙམ་གྱིས་མ་ཁྱབ) བྱེད་མི་ཆོག དེ་ལས་ལྡོག་ཚེ། ཡོངས་འཛིན་གྱིས་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་འདེད་རྒྱུ་ཡིན།
དྲུག་པ། གཞོན་ནུ་ལོ་ཆུང་རིགས་ཀྱི་སྤྱོད་མཁན་ལ་ཆེད་དུ་ཞུས་པའི་གསལ་འདེབས་ཀྱི་སྐོར།
གཞོན་ནུ་དང་ལོ་ཆུང་རིགས་ཀྱི་སྤྱོད་མཁན་གྱིས་ངེས་པར་དུ་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚུལ་ལྡན་དྲར་འཇུག་ཆིངས་ཡིག་བརྩི་སྲུང་བྱེད་དགོས་པ་སྟེ།
དྲ་ཐོག་ནས་སློབ་སྦྱོང་བྱེད་མཁས་པོ་བྱེད་དགོས་པ་ལས་ཆ་འཕྲིན་ངན་པར་མི་ལྟ་བ། གཡོ་ཟོལ་མེད་པར་མཛའ་མཐུན་ངང་འབྲེལ་འདྲིས་བྱེད་པ་ལས་གཞན་ལ་དམའ་འབེབས་དང་མགོ་སྐོར་མི་གཏོང་བ། རང་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་ལས་རང་དགར་དྲ་གྲོགས་དང་ཐུག་འཕྲད་ཀྱི་དུས་ཆད་མི་འདེབས་པ། དྲ་བའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ལས་དྲ་བའི་སྒྲིག་ལམ་ལ་གཏོར་བརླག་མི་བྱེད་པ། ལུས་སེམས་ཀྱི་བདེ་ཐང་ལ་ཡིད་འཇོག་བྱེད་པ་ལས་རྟོག་བཟོའི་འཇིག་རྟེན་དུ་མགོ་མི་འཁོར་བ་བཅས་སོ། །
བདུན་པ། གཞན་དག
༧.༡ གྲོས་ཆིངས་འདིའི་གཏན་ཁེལ་དང་། ལག་བསྟར་བྱེད་ཚུལ། འགྲེལ་བཤད་རྒྱག་སྟངས། དེ་མིན་རྩོད་གཞི་ཐག་གཅོད་བྱེད་ཐབས་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་བཅའ་ཁྲིམས་དང་མཐུན་དགོས།
༧.༢ གལ་སྲིད་ཕྱོགས་གཉིས་ཀ་གྲོས་ཆིངས་འདིའི་ནང་དོན་ནམ་ལག་བསྟར་བྱེད་ཚུལ་ཐད་ལ་རྩོད་གཞི་གང་རུང་ཞིག་བྱུང་ན། ཕྱོགས་གཉིས་ཀས་ཅི་ནུས་ཀྱིས་མཛའ་མཐུན་ངང་གྲོས་མོལ་བྱས་ཏེ་ཐག་གཅོད་འོས་ཤིང་། གྲོས་མོལ་བྱ་ཐབས་མེད་ཚེ། ཕྱོགས་གཉིས་ཀའི་གང་ཡིན་ཡང་ཡོངས་འཛིན་གནས་ཡུལ་གྱི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག
༧.༣ ཡོངས་འཛིན་གྱིས་ཞབས་ཕྱིའི་གྲོས་ཆིངས་འདིའི་ནང་གི་ཁེ་དབང་དང་གཏན་ཁེལ་སོགས་ལག་བསྟར་མ་བྱས་ཀྱང་། གོང་སྨྲས་ཁེ་དབང་སྤངས་ཟིན་པའི་དོན་དུ་མི་འགྱུར་རོ། །
༧.༤ གྲོས་ཆིངས་འདིའི་ནང་གི་དོན་ཚན་གང་ཞིག་ཡིན་ཡང་། གལ་ཏེ་རྒྱུ་མཚན་གང་རུང་གི་དབང་གིས་ཡོངས་སུ་རྫོགས་པའམ་ཡང་ན་ཆ་ཤས་ཤིག་ལ་ནུས་པ་མེད་པའམ་ལག་བསྟར་བྱེད་དབང་མེད་པར་གྱུར་ན་ཡང་། གྲོས་ཆིངས་འདིའི་དོན་ཚན་གཞན་པར་སྔར་བཞིན་ནུས་པ་ཡོད་ལ། ཚོད་འཛིན་བྱེད་པའི་ནུས་པའང་ལྡན་པ་ཡིན།
ཁྱེད་ཀྱིས་ཞབས་ཕྱིའི་གྲོས་ཆིངས་འདིར་རྒྱབ་འགལ་བྱེད་པའམ། དེ་མིན་གཞན་པའི་ཚན་རྐྱང་ཞབས་ཕྱིའི་དོན་ཚན་དང་། ཡོངས་འཛིན་གྱི་སྤྱི་བསྒྲགས་ཅི་རིགས་པར་རྒྱབ་འགལ་བྱེད་པའི་གནས་ཚུལ་ཤེས་ཚོར་བྱུང་སྐབས། ཡོངས་འཛིན་ལ་བརྡ་གཏོང་བར་འཚལ། ཁྱེད་ཀྱིས་གཤམ་གྱི་ལས་ཁུངས་ལ་འབྲེལ་གཏུག་བྱ་ཆོག
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་གྲོང་གསར་རིག་གནས་སྨྱན་སྦྱོར་ཐོག་ཁང་།
མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟི།